2017ལོའི་ནོར་སྲིད་སྔོན་རྩིས་སྙན་ཞུ།
2018年12月11日   来源:   

༄༅།།2017ལོའི་ནོར་སྲིད་སྔོན་རྩིས་སྙན་ཞུ།
     གཉིས་པ། སྐབས་འདིའི་སྲིད་གཞུང་གི་གཙོ་གནད་ལས་དོན་སྤེལ་ཚུལ།
     སྐབས་འདིའི་སྲིད་གཞུང་གི་ནོར་སྲིད་ཀྱི་གཙོ་གནད་ལས་དོན་ལ་ཕྱི་མིག་བལྟས་ན། ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་ཤིང་། བསམ་བློ་བཅིངས་འགྲོལ་བཏང་བ་དང་རང་འགུལ་ངང་ལས་དོན་སྤེལ་བ། དཀའ་ངལ་སྔུན་ནས་བསུས་པ། སྟོབས་ཤུགས་ཆེར་སྐྱེད་ཀྱིས་ཕྱོགས་ཡོངས་ལས་བརྒལ་བ་བཅས་བྱས་པས། ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཡོང་རྒྱུར་ནུས་སྟོབས་ལྡན་པའི་ནོར་ཤུགས་ཀྱི་རྒྱབ་སྐྱོར་བྱས།
   --ལོ་ལྔ་བོའི་རིང་ནོར་སྲིད་འབབ་འཕར་དང་དཔལ་འབྱོར་འཕེལ་རྒྱས་གཏོང་བ་གཉིས་དཔུང་གཤིབ་མཉམ་སྐྱོད་བྱུང་བས། ཡོང་སྒོའི་གནས་བབ་བརྟན་ཞིང་ལེགས་པ།
   2016ལོར་ཁུལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་49.6ཡོད་ལ། 2012 ལོའི་ལྡབ་1.3ཡིན། ལོ་ལྔའི་རིང་། ཡོང་འབབ་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་213ཡོད་ལ། ལོ་རེར་ཆ་སྙོམས་བརྒྱ་ཆ་6.3འཕར། རིམ་རྩིས་བྱས་ན་འགྲོ་གྲོན་སྒོར་དུང་ཕྱུར་954བཏང་ཡོད་ལ། ལོ་རེར་ཆ་སྙོམས་བརྒྱ་ཆ་9.9འཕར་བ། རིམ་རྩིས་བྱས་ན་སྤོ་སྒྱུར་གཏོང་སྤྲོད་སྒོར་དུང་ཕྱུར་796བཏང་ཟིན་ལ། ལོ་རེར་ཆ་སྙོམས་ཀྱི་འཕར་ཚད་བརྒྱ་ཆ་11.4ཟིན་ཡོད། ས་གནས་སྤྱི་པའི་ནོར་སྲིད་ཡོང་འབབ་དང་GDPལྡེམ་ཤུགས་འཕར་གྲངས་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། ནོར་སྲིད་ཡོང་འབབ་ཀྱི་གནས་བབ་ལེགས་བཅོས་འགན་སྲུང་བྱས་པ་དེས། ཁུལ་ཡོངས་ཀྱི་སྤྱི་ཚོགས་བརྟན་ལྷིང་དང་དཔལ་འབྱོར་གོང་འཕེལ་དང་སྤྱི་ཚོགས་ཀྱི་བྱ་གཞག་ཁག་འཕེལ་རྒྱས་ཡོང་བར་རྨང་གཞི་བརྟན་པོ་བཏིང་།

相关热词搜索:

上一篇:2017ལོའི་ནོར་སྲིད་སྔོན་རྩིས་སྙན་ཞུ།
下一篇:“ཚོགས་ཆེན་གཉིས”ཀྱི་ཡིག་སྒྱུར་ལས་དོན་ལེགས་གྲུབ་བྱུང་།

分享到: