“ཚོགས་ཆེན་གཉིས”ཀྱི་ཡིག་སྒྱུར་ལས་དོན་ལེགས་གྲུབ་བྱུང་།
2019年01月03日   来源:   

    རྔ་བ་ཁུལ་དམངས་འཐུས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པ་དང་། སྲིད་གྲོས་རྔ་བ་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་གསུམ་པ༢༠༡༩ལོའི་ཟླ་དང་པོའི་ཚེས༣ནས་ཚེས༤ཉིན་འབར་ཁམས་ནས་འཚོགས་མགོ་བརྩམས།                               \ \
    ༢༠༡༩ལོ་ནིརྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་བོད་ཀྱི་སྐད་དང་ཡི་གེའི་སྲོལ་ཡིགལག་བསྟར་དོན་འཁྱོལ་བྱེད་པའི་ལོ་དང་པོ་ཡིན།ཚོགས་ཆེན་གཉིསཀྱི་ཡིག་སྒྱུར་ལས་དོན་ལེགས་འགྲུབ་འབྱུང་ཆེད། ཁུལ་བོད་ཡིག་རྩོམ་སྒྱུར་ཅུས་ཀྱིསཚོགས་ཆེན་གཉིསཀྱི་ཡིག་སྒྱུར་ལས་དོན་བཀོད་སྒྲིག་གི་ཚོགས་འདུ་འཚོགས་ཤིང་། ཚོགས་ཐོག་ཏུ་ཡིག་སྒྱུར་གྱི་དུས་ཚོད་དང་ཡིག་སྒྱུར་མི་སྣ་སོགས་གཏན་འཁེལ་བྱས་པར་མ་ཟད། ཐ་སྙད་གསར་པ་བརྒྱ་དང་བཅུ་ལྷག་གཅིག་གྱུར་བྱས་ཏེ།སྲིད་གཞུང་གི་ལས་དོན་སྙན་ཞུ》《ཁུལ་དམངས་འཐུས་རྒྱུན་ཨུ་ཁང་གི་ལས་དོན་སྙན་ཞུསོགས་དམངས་འཐུས་ཚོགས་ཆེན་གྱི་སྙན་ཞུ་དྲུག་དང་། སྲིད་གྲོས་རྒྱུན་ཨུ་ཁང་གི་ལས་དོན་སྙན་ཞུ》《སྲིད་གྲོས་ཀྱི་གྲོས་གཞིའི་སྙན་ཞུགཞན་ད་དུང་ཚོགས་ཆེན་ཐོག་གྲོས་ཞིབ་གནང་རྒྱུར་འབུལ་བའིརྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྲོལ་ཡིགའཆར་ཟིན)》སོགས་ཀྱི་ཡིག་སྒྱུར་འགན་ཁུར་ལེགས་པོར་འགྲུབ་པར་ཁག་ཐེག་བྱས། ཚོགས་འདུ་མ་འཚོགས་གོང་ལཚོགས་ཆེན་གཉིསཀྱི་སྦྱར་ཡིག་དང་། ཚོགས་ཞུགས་མི་སྣའི་མིང་ཐོ། ཚོགས་འདུའི་གྲོས་རིམ་སོགས་བོད་ཡིག་ཏུ་བསྒྱུར་ཅིང་། དུས་མཚུངས་སུ་སྐད་སྒྱུར་བ་དང་ལས་སྒྲུབ་མི་སྣ་བཞི་བཀོད་སྒྲིག་བྱས་ཏེ་ཚོགས་ཐོག་ནས་ལས་རིགས་ཁག་གི་འཐུས་མི་དང་ཨུ་ཡོན་དག་ལ་སྐད་སྒྱུར་ཞབས་ཞུ་བྱ་རྒྱུ་སྟ་གོན་བྱས།
                                                  
    འགོ་ཁྲིད་དག་གིས་སྔ་མོ་ནས་འཆར་གཞི་བཀོད་ཅིང་ཆེད་ལས་མི་སྣ་དག་གིས་འབད་བརྩོན་བྱས་མཐར། ཚོགས་ཆེན་གཉིསཀྱི་ཡིག་སྒྱུར་ཞབས་ཞུ་ལེགས་པོར་འགྲུབ་ཅིང་། ཁུལ་བོད་ཡིག་རྩོམ་སྒྱུར་ཅུས་ཀྱིགཏམ་བཟང་སྐྱེལ་བའི་ཕོ་ཉ་དང་། སྲིད་ཇུས་གསལ་བའི་མེ་ལོང་། བློ་སེམས་འདྲེས་པའི་ཨ་ལོང་གི་ནུས་པ་བཏོན།

相关热词搜索:

上一篇:2017ལོའི་ནོར་སྲིད་སྔོན་རྩིས་སྙན་ཞུ།
下一篇:最后一页

分享到: