ཨེ་སོབ་ཀྱི་ལེགས་བཤད་གཏམ་རྒྱུད།
2018年11月29日   来源:   


ཁྭ་ཏ་དང་ཕུག་རོན།
 
     གནའ་སྔ་མོ་ཞིག་ལ།  ཞིང་བ་ཞིག་ཕུག་རོན་གསོ་བར་ཧ་ཅང་དགའ་བ་རེད།  ཁོས་རང་ཁྱིམ་གྱི་ལ་ཁ་རུ་ཕུག་རོན་གྱི་ཚང་མལ་ཞིག་བཟོས་ཤིང་།  དེ་ལ་གཙང་སྦྲ་བྱས་པ་ཧ་ཅང་གྲལ་དག་ལ་དྲོད་སྐྱིད་ལྡན།  ཁོའི་ཕུག་རོན་དག་ཚང་མལ་དེ་རུ་དགའ་སྤྲོས་ཁེངས་འདུག་པར་མ་ཟད།  ཞིང་བ་དེས་ཉིན་རྒྱུན་དུ་ཁོ་ཚོ་ལ་ཆེས་བཟང་བའི་གཟན་ཆས་སྟེར།  ཕུག་རོན་དག་ཀྱང་ཁོའི་བདག་སྐྱོང་བཟང་བོའི་འོག་འཚར་ལོངས་བྱུང་བ་ཧ་ཅང་བཟང་།
     ཕུག་རོན་གྱི་ཚང་མལ་དང་ཐག་མི་རིང་བའི་ས་རུ་སྡོང་རྒན་ཞིག་ཡོད་པ་དེའི་སྟེང་དུ་ཁྭ་ཏ་འགའི་ཚང་བཅས་ཡོད་པ་དང་།  ཚང་དེ་ནི་ཧ་ཅང་ཐབས་རྡུགས་ཤིག་ཡིན་པས་ཆར་རླུང་མི་ཁོག་པ་རེད།  དགུན་དུས་རུས་རྐང་ལ་ཟུག་པའི་གྲང་རླུང་ལ་བཟོད་བསྲན་དང་།  དབྱར་དུས་ཀྱང་ཚ་གདུག་གི་ཉི་འོད་འོག་འདུག་དགོས་ལ།   ད་དུང་ཉིན་རེར་དཀའ་སྡུག་མྱོང་བཞིན་ལ་ལུང་ནས་རྒུན་བུ་འཚོལ་དགོས།  དེ་ལྟར་འཚོ་བ་རོལ་དགོས་པས།  ཁོ་ཚོའི་གནས་བབ་དེ་ཕུག་རོན་དག་དང་བསྡུར་ཚེ་གནམ་སའི་ཁྱད་པར་ཡོད་པ་རེད།

相关热词搜索:

上一篇:སྤྲོ་སྐྱིད་ལྡན་པའི་བྱིས་པའི་གོམས་གཤིས7﹙༧﹚
下一篇:ཨེ་སོབ་ཀྱི་ལེགས་བཤད་གཏམ་རྒྱུད།

分享到: