阿坝藏族羌族自治州藏文社会用字管理办法
2015年07月10日   来源:   

 ༄༅།།རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་བོད་ཡིག་སྤྱི་ཚོགས་སྤྱོད་ཡིག་དོ་དམ་བྱེད་ཐབས།
阿坝藏族羌族自治州社会用字管理办法
 
 
 
རྔ་བ་ཁུལ་གྲངས་ཉུང་མི་རིགས་སྐད་ཡིག་ལས་ཀའི་ཨུ་ཡོན་ལྷན་ཚོགས་ཀྱི་གཞུང་ལས་ཁང་གིས་པར།
阿坝州少数民族语言文字工作委员会办公室印
2007ལོའི་ལྯ3པར
二00七年三月
༄༅།།རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་བཀའ་ཡིག
(ཨང་25བ)
《རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་བོད་ཡིག་སྤྱི་ཚོགས་སྤྱོད་ཡིག་དོ་དམ་བྱེད་ཐབས་》དེ་2006ལོའི་་ཟླ་12ཚེས་30ཉིན་ལ་སྐབས་དགུ་བའི་ཁུལ་མི་དམངས་སྲིད་གཞུང་གི་རྒྱུུན་ལས་གྲོས་ཚོགས་ཐེངས་51་པ་ལས་གྲོས་འཆམས་བྱུང་ནས་ད་ལྟ་ཁྱབ་བསྒྲགས་བྱས་པ་ཡིན་ལ།ཁྱབ་བསྒྲགས་བྱེད་ཉེན་ནས་བཟུང་ལག་ལེན་དུ་བསྟར་དགོས་སོ།།
 
ཁུལ་དཔོན་ཀྲང་ཏུང་ཧྲེང་གིས།
2007ལོའི་ཟླ་དང་བོའི་ཚེས་15ཉིན།
 
༄༅།།རྔ་བ་བོད་རོགས་ཆའང་རིགས་རང་སྐྱོང་ཁུལ་གྱི་བོད་ཡིག་སྤྱི་ཚོགས་སྤྱོད་ཡིག་དོ་དམ་བྱེད་ཐབས།།
དོན་ཚན་དང་པོ། བོད་ཡིག་སྤྱི་ཚོགས་སྤྱོད་ཡིག་དོ་དམ་ལ་ཤུགས་བསྣན་ཏེ་བོད་ཡིག་སྤྱི་ཚོགས་སྤྱོད་ཡིག་ཚད་ལྡན་ཚད་མཐུན་ཅན་དུ་བེད་སྤྱོད་ལ་སྐུལ་འདེད་གཏོང་བའི་ཆེད་དུ།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས》དང་《རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་རང་སྐྱོང་སྲོལ་ཡིག》གི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཞིང་རང་ཁུལ་གྱི་གནས་ཚུལ་དངོས་དང་སྦྲེལ་ནས་བྱེད་ཐབས་འདི་གཏན་འབེབས་བྱས་པ་ཡིན།
དོན་ཚན་གཉིས་པ། བྱེད་ཐབས་འདི་ལས་བོད་ཡིག་སྤྱི་ཚོགས་སྤྱོད་ཡིག་ཅེས་པ་ནི་སྤྱི་ཚོགས་ཡོངས་ལ་ཕྱོགས་ཏེ་བེད་སྤྱོད་བྱེད་པའི་བོད་ཀྱི་ཡི་གེ་ཡིན་ལ།གཤམ་གསལ་གྱི་ནང་དོན་རྣམས་འདུས་པ་སྟེ།
(གཅིག)ལས་ཁུངས་དང་མི་དམངས་ཚོགས་པ།ཁེ་ལས་དོན་ལས་སྡེ་ཚན་རྣམས་ཀྱི་སྒོ་བྱང་དང་གཞུང་ཐེལ།ཡིག་ཆའི་འགོ།ཡིག་ཤུབས།ལག་ཁྱེར་དཔང་རྟགས།ཚོགས་འདུའི་མིང་སྟོན་སྦྱར་ཡིག་སོགས་ཀྱི་ཐད་ལ་སྤྱོད་པའི་བོད་ཡིག་དང་།
(གཉིས)གསར་འགྱུར་དུས་དེབ་དང་དཔེ་རིས།སྒྲ་སྙན་གཟུགས་བརྙན་གྱི་བཟོ་སྐྲུན་ཐོན་རྫས་སོགས་དཔར་སྐྲུན་དངོས་པོའི་ཐད་ལ་སྤྱོད་པའི་བོད་ཡིག
(གསུམ)རང་བྱུང་ས་ཁམས་ཀྱི་དངོས་མིང་དང་སྲིད་འཛིན་ས་ཁོངས་དབྱེ་མཚམས་ཀྱི་མིང་བྱང་།སྡོད་དམངས་སྡོད་གནས་གྱི་ས་མིང་།དེ་མིན་ས་མིང་གི་ནང་དོན་མཚོན་པའི་དངོས་མིང་གཞན་དག་གི་ཐད་ལ་སྤྱོད་པའི་བོད་ཡིག
(བཞི)རིག་གནས་དང་ལུས་རྩལ།ལྗོངས་སྐོར།རྟེན་འབྲེལ་མཛད་སྒོ་སོགས་བྱེད་སྒོ་ཆེ་གྲས་སྣ་ཚོགས་ཐད་ལ་སྤྱོད་པའི་བོད་ཡིག
(ལྔ)ལྗོངས་སྐོར་གྱི་མཛེས་ལྗོངས་སྟོན་བྱའི་མཚོན་རྟགས་ཡི་གེ་ཐད་ལ་སྤྱོད་པའི་བོད་ཡིག
(དྲུག)ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཚོང་རྫས་ཀྱི་མིང་དང་ཚོང་རྟགས།ཐུམ་རྒྱག་སྣོད་ཆས།ཐོན་རྫས་ཀྱི་གསལ་བཤད་ཡི་གེ་བཅས་ཐད་ལ་སྤྱོད་པའི་བོད་ཡིག
(བདུན)མཁར་གྲོང་གི་སྒེར་གཉེར་ཚོང་ཁང་རྣམས་ཀྱི་སྐོ་བྱང་ཡི་གེའི་ཐད་ལ་སྤྱོད་པའི་བོད་ཡིག
(བརྒྱད)སྤྱི་ཕན་རང་བཞིན་གྱི་ཁྱབ་བརྡ་དང་འཕྲུལ་སྒུལ་འགོར་ལོ།བཙོང་འཛིན་སོགས་སྤྱི་ཚོགས་ཡོངས་ཀྱིས་ཤེས་དགོས་ལ་ཡི་གེས་སྟོན་དགོས་པའི་མཚོན་རྟགས་ཐད་ལ་སྤྱོད་པའི་བོད་ཡིག
(དགུ)སྤྱི་པའི་རང་བཞིན་དང་དོན་མཚོན་རང་བཞིན་ལྡན་པའི་བྱ་དངོས་གཞན་དག་ཐད་ལ་སྤྱོད་པའི་བོད་ཡིག་རྣམས་སོ།
དོན་ཚན་གསུམ་པ། རལ་ཁུལ་གྱི་སྲིད་འཛིན་མངའ་ཁོངས་ནང་སྤྱི་ཚོགས་སྤྱོད་ཡིག་ཐད་བོད་ཡིག་བེད་སྤྱོད་བྱེད་སའི་ཁྱབ་ཁོངས་ནི་གཤམ་གསལ་ལྟར་ཡིན་པ་སྟེ།
(གཅིག)ལས་ཁུངས་དང་མི་དམངས་ཚོགས་པ།ཁེ་ལས་དོན་ལས་སྡེ་ཚན་བཅས་ཀྱི་སྒོ་བྱང་དང་གཞུང་ཐེལ།ཡིག་ཆའི་འགོ།ལག་ཁྱེར་དཔང་རྟགས།ཡིག་ཤུགས།ཁྱབ་བརྡ།ས་མིང་།འགྲིམ་འགྲུལ་ལམ་རྟགས།འཕྲུལ་སྒུལ་འཁོར་ལོ་རྣམས་ཀྱི་སྤྱོད་ཡིག་སྟེ།མའོ་རྫོང་དང་མི་རིགས་ཡུལ་ཚོ་ཕུད་པའི་ས་གནས་གཞན་དག་ཚང་མས་བོད་ཡིག་དང་རྒྱ་ཡིག་མཉམ་དུ་བེད་སྤྱོད་བྱེད་དགོས་པ་དང་།
(གཉིས)འབར་ཁམས་དང་ཆུ་ཆེད།བཙན་ལྷ།རྔ་བ།མཛོད་དགེ།ཧུང་ཡོན།འཛམ་ཐང།ཟུང་ཆུ།གཟི་རྩ་སྡེ་དགུ།ཁྲོ་ཆུ་བཅས་རྫོང་ཁག་བཅུའི་མངའ་ཁོངས་དང་ཝུན་ཁྲོན་དང་ལིས་རྫོང་མངའ་ཁོངས་ནང་བོད་རིགས་འདུས་སྡོད་ས་ཁུལ་རྣམས་ཀྱི་སྤྱི་ཕན་རང་བཞིན་གྱི་ཁྱབ་བརྡ་དང་མི་ཚོགས་འདུས་ས།ལྗོངས་སྐོར་གྱི་མཛེས་ལྗོངས་སྟོན་བྱའི་མཚོན་རྟགས།མཁར་གྲོང་གི་སྒེར་གཉེར་ཚོང་ཁང་གི་སྒོ་བྱང་ཡི་གེ་ཐད་ལ་བོད་ཡིག་དང་རྒྱ་ཡིག་མཉམ་དུ་བེད་སྤྱོད་བྱེད་དགོས།
(གསུམ)ཁུལ་དང་འབར་ཁམས།རྔ་བ།མཛོད་དགེ།ཧུང་ཡོན།འཛམ་ཐང་།ཟུར་ཆུ།ཁྲོ་ཆུ་བཅས་རྫོང་ཁག་བདུན་གྱི་གྲོས་ཚོགས་ཆེ་གྲས་ཀྱི་མིང་སྟོན་སྦྱར་ཡིག་དེ་བོད་ཡིག་དང་རྒྱ་ཡིག་མཉམ་དུ་བེད་སྤྱོད་བྱེད་དགོས།
(བཞི)ཁུལ་དང་རྔ་བ།མཛོད་དགེ།ཧུང་ཡོན།འཛམ་ཐང་།བཅས་རྫོང་ཁག་བཞི་བོས་དམངས་ཡོངས་ཀྱིས་གོ་ཞིང་ལག་ལེན་དུ་བསྟར་དགོས་པའི་ཁྲིམས་སྲོལ་དང་སྤྱི་བསྒྲགས་དང་དེ་མིན་ཡིག་ཆ་གལ་ཆེན།དྲིལ་བསྒྲགས་དཔྱད་གཞི་སོགས་འགྲེམ་བསྒྲགས་བྱེད་དགོས་ཚེ།དུས་མཉམ་དུ་བོད་ཡིག་དང་རྒྱ་ཡིག་སྦྲགས་མ་དང་ཡང་ན་བོད་ཡིག་གམ་རྒྱ་ཡིག་སོ་སོར་བེད་སྤྱོད་བྱེད་དགོས།
(ལྔ)བོད་བརྒྱུད་ནང་བསྟན་དགོན་དང་ཆོས་སྒྲུབ་མི་སྣར་གཏོང་བའི་འབྲེལ་ཡོད་ཀྱི་ཡིག་ཆ་རྣམས་བོད་ཡིག་སྤྱད་དེ་གཏོང་དགོས་པ་དང་ཡང་ན་བོད་ཡིག་དང་རྒྱ་ཡིག་གཉིས་ཀས་མཉམ་དུ་གཏོང་དགོས།
དོན་ཚན་བཞི་བ། བོད་ཡིག་སྤྱི་ཚོགས་སྤྱོད་ཡིག་སྟེ་གཤམ་གསལ་གྱི་ཚད་གཞི་དང་མཐུན་དགོས་པ་སྟེ།
(གཅིག)སྤྱི་ཚོགས་སྤྱོད་ཡིག་ལས་བོད་རྒྱ་ཡི་གེ་སྒྱུར་བ་དེ་ངེས་པར་དུ་དག་དགོས།(གཉིས)ལས་ཁུངས་དང་མི་དམངས་ཚོགས་པ།ཁེ་ལས་དོན་ལས་སྡེ་ཚན་བཅས་ཀྱི་སྒོ་བྱང་དང་གཞུང་ཐེལ།ཡིག་ཆའི་འགོ།ཡིག་ཤུབས།ལག་ཁྱེར་དཔང་རྟགས།གྲོས་ཚོགས་ཀྱི་མིང་སྟོན་སྦྱར་ཡིག་ཚོང་རྫས་ཀྱི་མིང་བྱང་བཅས་ཐད་ལ་བོད་ཡིག་སྤྱོད་པ་དེ།མི་མིང་གྲགས་ཅན་གྱིས་ཕྱག་བྲིས་གནང་བ་ཕུད།ཚང་མ་ཡིག་དཀར་གྱི་པར་སྐྲུན་ཡིག་གཟུགས་སྤྱད་དེ་འབྲི་དགོས།
(གསུམ)བོད་ཡིག་འབྲི་འགོད་དང་པར་འདེབས་པར་རྐོ།རྩི་གཏོར་པར་རྒྱག་སོགས་བྱེད་པ་ངེས་པར་དུ་འཕྱུགས་མེད་ཚད་ལྡན་དང་གྲལ་སྒྲིག་པོ།མཐོང་གསལ་ཤེས་གསལ།ཡིག་ནོར་ཚིག་སྐྱོན་མེད་པ་བཅས་བྱེད་དགོས།
(བཞི)བོད་ཡིག་དང་རྒྱ་ཡིག་ཆེ་ཆུང་ངེས་པར་དུ་གཅིག་འདྲ་ཡིན་དགོས་པ་དང་།འབྲི་བྱེད་བཟོ་བྱེད་ཀྱི་ཚོན་མདོག་དང་རྒྱུ་ཆ་ཡང་ངེས་པར་དུ་གཅིག་འདྲ་ཡིན་དགོས།
(ལྔ)བོད་ཡིག་དང་རྒྱ་ཡིག་གཉིས་ཀ་མཉམ་གཤིབ་ཏུ་འབྲི་བའི་སྐབས་སུ་གཤམ་གསལ་གྱི་གཏན་འབེབས་ལྟར་བསྒྲིག་དགོས་པ་སྟེ།འཕྲེད་དུ་འབྲི་དགོས་ན་བོད་ཡིག་སྟེང་དང་རྒྱ་ཡིག་ཞབས།ཡང་ན་བོད་ཡིག་སྔོན་ཕྱོགས་དང་རྒྱ་ཡིག་རྗེས་ཕྱོགས།གོར་མོ་ཅན་དུ་འབྲི་དགོས་ན་བོད་ཡིག་ཕྱི་གོར་དང་རྒྱ་ཡིག་ནང་གོར།ཡང་ན་བོད་ཡིག་འགོ་དང་རྒྱ་ཡིག་མཇུག བོད་ཡིག་དང་རྒྱ་ཡིག་དེ་སྒོ་བྱང་གཉིས་ཀྱི་ངོར་སོ་སོར་འབྲི་དགོས་ན།བོད་ཡིག་སྒོ་བྱང་གཡོན་ཕྱོགས་དང་རྒྱ་ཡིག་སྒོ་བྱང་གཡས་ཕྱོགས།ཡང་ན་བོད་ཡིག་སྒོ་བྱང་སྟེང་དང་རྒྱ་ཡིག་སྒོ་བྱང་ཞབས་ལ་འགེལ་དགོས།ཕྱི་རྒྱལ་གྱི་ཡི་གེ་བེད་སྤྱོད་བྱེད་དགོས་ན།བོད་ཡིག་འཕྲོར་རྒྱ་ཡིག་དང་།དེའི་འཕྲོར་ཕྱི་རྒྱལ་གྱི་ཡི་གེ་འབྲི་བའི་གོ་རིམ་ལྟར་གྲལ་དུ་བསྒྲིག་དགོས།
དོན་ཚན་ལྔ་བ། ཁུལ་དང་རྫོང་གི་གྲངས་ཉུང་མི་རིགས་སྐད་ཡིག་ལས་ཀའི་ཨུ་ཡོན་ལྷན་ཁང་གིས་རང་སའི་སྲིད་འཛིན་མངའ་ཁོངས་ནང་གི་བོད་ཡིག་སྤྱི་ཚོགས་སྤྱོད་ཡིག་ལས་ཀར་དོ་དམ་གྱི་ལས་འགན་ཁུར་དགོས་པ་དང་།ཁུལ་བོད་ཡིག་རྩོམ་སྒྱུར་ཅུས་ཀྱིས་ཁུལ་ཡོངས་ཀྱི་བོད་ཡིག་སྤྱི་ཚོགས་སྤྱོད་ཡིག་ལས་ཀར་མཛུབ་སྟོན་དང་ལྟ་སྐུལ་དོ་དམ་ཞིབ་གསལ་བྱེད་དགོས།
དོན་ཚན་དྲུག་པ།ཁུལ་དང་རྫོང་གི་གྲངས་ཉུང་མི་རིགས་སྐད་ཡིག་ལས་ཀའི་ཨུ་ཡོན་ལྷ་ཁང་གི་གཞུང་ལས་ཁང་དང་ཁུལ་བོད་ཡིག་རྩོམ་སྒྱུར་ཅུས།དམངས་སྲིད་ཅུས།བཟོ་ཚོང་སྲིད་འཛིན་དོ་དམ་ཅུས།འྤྱི་བདེ་ཅུས།འགྲིམ་འགྲུལ་ཅུས།མཁར་གྲོང་འཆར་འགོད་འཛུགས་སྐྲུན་ཅུས།ལྗོངས་སྐོར་ཅུས།སློབ་གསོ་ཅུས།རིགས་གནས་ཅུས།གསར་འགྱུར་པར་སྐྲུན་ཅུས།ཁྲལ་དོན་ཅུས།མཛེས་ལྗོངས་དོ་དམ་ཅུས་སོགས་འབྲེལ་ཡོད་སྡེ་ཁག་གིས་རང་རང་སོ་སོའི་འགན་ནུས་དང་བསྟུན་ཞིང་གཤམ་གསལ་གྱི་ལས་བགོ་ལྟར་བོད་ཡིག་སྤྱི་ཚོགས་སྤྱོད་ཡིག་དོ་དམ་གྱི་ལས་འགན་བསྒྲུབ་དགོས་པ་སྟེ།
(གཅིག)ལས་ཁུངས་དང་མི་དམངས་ཚོགས་པ། ཁེ་ལས་དོན་ལས་སྡེ་ཚན་རྣམས་ཀྱི་སྒོ་བྱང་དང་ཡིག་ཆའི་འགོ།ཡིག་ཤུབས།ལག་ཁྱེར་བཔར་རྟགས།སྤྱི་བསྒྲགས་སོགས་ཀྱི་ཐད་ལ་བོད་ཡིག་སྤྱོད་དགོས་པ་དེ་ཁུལ་དང་རྫོང་གི་གྲངས་ཉུང་མི་རིགས་སྐད་ཡིག་ལས་ཀའི་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཁང་གིས་འགན་ཁུར་དགོས་པ་དང་།
(གཉིས)གསར་འགྱུར་དུས་དེབ་དང་དཔེ་རིས།སྒྲ་སྙན་གཟུགས་བརྙན་གྱི་བཟོ་སྐྲུན་ཐོན་རྫས་སོགས་པར་སྐྲུན་དངོས་པོའི་ཐད་ལ་བོད་ཡིག་སྤྱོད་དགོས་པ་ཐད་ལ་བོད་ཡིུག་སྤྱོད་དགོས་པ་དེ་རིག་གནས་དང་གསར་འགྱུར་པར་སྐྲུན་སོགས་སྡེ་ཁག་གིས་འགན་ཁུར་དགོས།
(གསུམ་)རང་བྱུང་ས་ཁུམས་ཀྱི་དངོས་མིང་དང་སྲིད་འཛིན་ས་ཁོངས་དབྱེ་མཚམས་ཀྱི་མིང་བྱང་།སྡོད་དམངས་སྡོད་གནས་ཀྱི་ས་མིང་།དེ་མིན་ས་མིང་གི་ནང་དོན་མཚོན་པའི་དངོས་མིང་གཞན་དག་ཐད་ལ་བོད་ཡིག་སྤྱོད་དགོས་པ་དེ་དམངས་སྲིད་སྡེ་ཁག་གིས་འགན་ཁུར་དགོས།
(བཞི)འགྲིམ་འགྲུལ་གཞུང་ལམ་ཀྱི་ལམ་རྟགས་དང་།རླངས་འཁོར་འབབ་ཚུགས་དང་གནམ་གྲུ་ཐང་གི་མཚོན་རྟགས།འཕྲུལ་སྒུལ་འཁོར་ལོ་སོགས་ཀྱི་ཐད་ལ་བོད་ཡིག་སྤྱོད་དགོས་པ་དེ་འགྲིམ་འགྲུལ་དང་སྤྱི་བདེའི་སྡེ་ཁག་གིས་འགན་ཁུར་དགོས།
(ལྔ)ལྗོངས་སྐོར་གྱི་མཛེས་ལྗོངས་གཙོ་བོའི་མིང་བྱང་དང་མཛེས་ལྗོངས་སུ་ཞུགས་པའི་སྒོ་འཛིན་སོགས་ཀྱི་ཐད་ལ་བོད་ཡིག་སྤྱོད་དགོས་པ་དེ་ལྗོངས་སྐོར་སྡེ་ཁག་གིས་མཛེས་ལྗོངས་དོ་དམ་སྡེ་ཁག་དང་ཁྲལ་དོན་སྡེ་ཁག་དང་སྦྲེལ་ནས་མཉམ་དུ་འགན་ཁུར་དགོས།(དྲུག)མཁར་གྲོང་གི་སྒེར་གཉེར་ཚོང་ཁང་གི་སྒོ་བྱང་དང་ཁེ་ལས་ཀྱི་མིང་བྱང་།ཚོང་རྫས་ཀྱི་མིང་དང་ཚོང་རྟགས།ཐུམ་རྒྱག་སྣོད་ཆས།བེད་སྤྱོད་གསལ་བཤད་སོགས་ཀྱི་ཐད་ལ་བོད་ཡིག་སྤྱོད་དགོས་པ་དེ་བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཁག་གིས་འགན་ཁུར་དགོས།(བདུན)ལས་ཁུངས་དང་མི་དམངས་ཚོགས་པ།ཁེ་ལས་དོན་ལས་སྡེ་ཚན་བཅས་ཀྱི་གཞུང་ཐེལ་དང་སྡོད་དམངས་ལག་ཁྱེར་ཐད་ལ་བོད་ཡིག་སྤྱོད་དགོ་པ་དེ་སྤྱི་བདེའི་སྡེ་ཁག་གིས་འགན་ཁུར་དགོས།
(བརྒྱད)ཚོགས་འདུ་ཆེ་གྲས་ཀྱི་མིང་སྟོན་སྦྱར་ཡིག་ཐད་ལ་བོད་ཡིག་སྤྱོད་དགོས་པ་དེ་ཚོགས་འདུ་སྒྲུབ་འགན(བརྒྱུད་སྒྲུབ)གཙོ་གཉེར་སྡེ་ཚན་གྱིས་འགན་ཁུར་དགོས་པ་དང་།ཁུལ་དང་རྫོང་གི་གྲངས་ཉུང་མི་རིགས་སྐད་ཡིག་ལས་ཀའི་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཁང་དང་བོད་ཡིག་རྩོམ་སྒྱུར་སྡེ་ཁག་གིས་ཡིག་སྒྱུར་དང་བཟོ་འགོད་གྱི་ལྟ་སྐུལ་གྱི་འགན་ཁུར་དགོས།
(དགུ)རང་བརྩམས་བོད་ཡིག་སློབ་དེབ་དང་ཟུར་ཁྲིད་ཀློག་དེབ།ཡིག་རྨོངས་སེལ་བྱེད་སློབ་དེབ་སོགས་ཀྱི་ཐད་ལ་བོད་ཡིག་སྤྱོད་པ་དེ་སློབ་གསོའི་སྡེ་ཁག་གིས་འགན་ཁུར་དགོས།(བཅུ)མཁར་གྲོང་གི་མཛེས་རྒྱན་རང་བཞིན་གྱི་བྱང་འགེལ་དང་སྤྱི་ཕན་རང་བཞིན་གྱི་ཁྱབ་བརྡ།འཛུགས་སྐྲུན་དངོས་པོའི་མཚོན་རྟགས་སོགས་ཀྱི་ཐད་ལ་བོད་ཡིག་སྤྱོད་དགོས་པ་དེ་མཁར་གྲོང་འཆར་འགོད་འཛུགས་སྐྲུན་སྡེ་ཁག་གིས་འགན་དགོས།
(བཅུ་གཅིག)བཙོང་འཛིན་སྣ་ཚོལས་དང་དངུལ་ལེན་འཛིན་ཡིག་སྣ་ཚོགས་ངོར་བོད་ཡིག་སྤྱོད་དགོས་པ་དེ་ཁྲལ་དོན་སྡེ་ཁག་གིས་འགན་ཁུར་དགོས།
དོན་ཚན་བདུན་པ།བྱེད་ཐབས་འདི་དང་འགལ་མགན་ལ་བོད་ཡིག་སྤྱི་ཚོགས་སྤྱོད་ཡིག་གི་ལས་འགན་ཁུར་མཁན་འབྲེལ་ཡོད་སྡེ་ཁག་དང་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ལྟ་སྐུལ་དང་འདེད་སྐུལ་བྱས་ནས་དུས་བཅད་ཀྱི་ནང་དུ་ཡོ་བསྲང་བྱེད་དུ་འཇུག་དགོས།
དོན་ཚན་བརྒྱད་པ།བྱེད་ཐབས་འདི་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྲངས་ཉུང་མི་རིགས་སྐད་ཡིག་ལས་ཀའི་ཨུ་ཡོན་ལྷན་ཁང་གི་གཞུན་ལས་ཁང་དང་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་བོད་ཡིག་རྩོམ་སྒྱུར་ཅུས་ཀྱིས་མཆན་འགྲེལ་བྱེད་པའི་འགན་ཁུར་དགོས།
དོན་ཚན་དགུ་བ།བྱེད་ཐབས་འདི་ཁྱབ་བསྒྲགས་བྱེད་ཉིན་ནས་བཟུང་ལག་ལེན་དུ་བསྟར་དགོས་སོ།
 
 

相关热词搜索:阿坝自治州

上一篇:藏文社会用字调研
下一篇:最后一页

分享到: